པར་བཤུ།
སྡེ་ཚན། ལས་ཐོག
ཀློག་གྲངས། 560

༄༅།། ཤེས་ཡོན་དང་འབྲེལ་བའི་ལས་བྱེད་མི་སྣ་ཞིག་ཡིན་ཕྱིན། རིག་གཞུང་ལ་ཚེ་སྲོག་ཏུ་འཛིན་པའི་བསམ་བློའི་འདུ་ཤེས་ཟབ་པ་དང་། གནའ་དེང་རིག་པའི་གནས་ལ་མཁྱེན་དཔྱོད་ཀྱི་སྤྱན་ཟུང་ལྡན་དགོས་ཤིང་། སྐབས་བབ་རང་འཁྲིའི་ལས་འགན་ལ་ལྷག་བསམ་དང་དུང་ཞེན་ཟབ་མོ་དགོས། དེ་བཞིན་ཚོགས་སྡེ་གང་ཞིག་གི་ལས་འཆར་དང་ལས་གཞི་ལེགས་གྲུབ་ཀྱི་སྤུས་ཚད་དང་གྲུབ་འབྲས་ཕུན་སུམ་ཚོགས་མིན་ནི་ལག་བསྟར་བྱེད་པ་པོ་ལས་བྱེད་མི་སྣ་དག་གི་ལྷག་བསམ་དང་ཧུར་བརྩོན། ནུས་པ་མཉམ་སྤུངས་བཅས་ལ་རག་ལས་པ་ཡིན། དེས་ན་ལས་བྱེད་མི་སྣ་ནི་ལས་གཞི་ལེགས་གྲུབ་འབྱུང་མིན་གྱི་གལ་ཆེའི་གྲུབ་ཆ་མེད་དུ་མི་རུང་བ་ཞིག་ཡིན་སྟབས། ལས་གཞི་གང་ཞིག་གི་གྲུབ་འབྲས་གཟེངས་སུ་ཐོན་པ་ནི་སྐབས་བབ་ལས་བྱེད་པ་པོ་དག་གི་ལྷག་བསམ་དང་ངལ་བ་ལས་བྱུང་བར་ངོས་འཛིན་བྱེད་འོས།