པར་བཤུ།
སྡེ་ཚན། རྒྱུན་ཤེས་ཀྱི་སྐོར།
ཀློག་གྲངས། 992

ཚོགས་མིའི་ཐོབ་ཐང་ལག་འཁྱེར་གྱི་སྐོར།

༡༽   ཐོབ་ཐང་ལག་འཁྱེར་བཟོ་སྐབས་ཕྱེད་པར་གཉིས་དང་ཧིན་སྒོར་ 50 རེ་འབུལ་དགོས།

༢ྃ༽   ལག་འཁྱེར་བཟོ་སྐབས་དུས་ཡུན་མ་རྫོགས་པའི་ཚད་ལྡན་ལག་འཁྱེར་དགོས།

༣༽   ལག་འཁྱེར་བཟོ་སྐབས་རྒྱུད་སྟོད་གྲྭ་ཚང་གི་སྒྲིག་ཞུགས་དགེ་འདུན་པ་གང་རུང་ངམ་ལས་བྱེད་ཅིག་གི་འགན་ལེན་མཚན་རྟགས་ཡོད་དགོས།

༤༽   ལག་འཁྱེར་འདིའི་དུས་ཡུན་ལོ་གཅིག་ཡིན། དུས་ཚོད་རྫོགས་ན་བསྐྱར་བཟོ་དགོས་པ་ལས་ཕར་འགྱང་གི་ཆ་རྐྱེན་མེད།

༥༽   ལག་འཁྱེར་འདི་བཞིན་དོ་བདག་རང་ཉིད་ལས་གཞན་ལ་གཡར་ནས་བེད་སྤྱོད་གནང་མི་ཆོག

༦༽   ཐོབ་ཐང་ལག་འཁྱེར་བོར་བརླག་ཕྱིན་ན་ཡང་བསྐྱར་གསར་བཟོ་ཆོག་ཀྱང་སྒོར་ 50 གོང་མཚུངས་བཞིན་འབུལ་དགོས།

༧༽   གནས་སྟངས་ལ་གཞིགས་པའི་ཐོག་ནས་ཐོབ་ཐང་ལག་འཁྱེར་སྤྲོད་དགོས་མིན་གྱི་དབང་ཚད་དཔེ་མཛོད་འགན་འཛིན་ལ་ཡོད།

དཔེ་དེབ་གཡར་པོ་ཞུ་བའི་ངོས་སྦྱོར་སྙན་ཞུའི་འགེངས་ཤོག

བོད་ཡིག་ཕབ་ལེན། PDF   རྒྱ་ཡིག་ཕབ་ལེན། PDF   ཨིན་ཡིག་ཕབ་ལེན། PDF

དཔེ་དེབ་གཡར་སྐབས་ཀྱི་སྒྲིག་གཞི།

༡༽   དཔེ་དེབ་གཡར་སྐབས་ཐོབ་ཐང་ལག་འཁྱེར་ངེས་པར་བསྣམས་དགོས་པ་དང་འགྲོ་ལུགས་ལྟར་དཔེ་མཛོད་དོ་དམ་པའི་མདུན་ནས་ཐོ་འགོད་ངེས་པར་གནང་དགོས།

༢༽   གསུང་འབུམ་དང་དཔེ་ཚོགས་གཡར་ལེན་བྱེད་ཀྱི་མེད། གལ་ཏེ་གཡར་པོ་ཞུ་དགོས་ཚེ་ཚོགས་པ་སྡེ་ཚན་ཁག་ནས་རྒྱབ་གཉེར་ཡི་གེ་ངེས་པར་དུ་དགོས།

༣༽   དང་པོ་དཔེ་དེབ་གཡར་སྐབས་གཡར་རྒྱུའི་དཔེ་དེབ་དེ་རལ་ཡོད་མེད་ལ་བལྟ་དགོས་པ་དང་རྗེས་སུ་རལ་བ་ཡིན་ན་རང་ཉིད་ཀྱིས་འགན་ལེན་བྱ་དགོས།

༤༽   དུས་གཅིག་ལ་དེབ་གཉིས་གཡར་ཆོག དུས་ཡུན་ཟླ་བ་གཅིག་ཡིན། དཔེ་དེབ་རེ་རེ་ལ་ཧིན་སྒོར་ཆིག་སྟོང་གཏའ་མ་འཇོག་དགོས།

༥༽   སྐུ་ཉིད་ཀྱི་གཡར་བའི་དཔེ་དེབ་དུས་ཚོད་རྫོགས་མཚམས་སུ་ཚུར་སྤྲོད་དགོས།

༦༽   གལ་སྲིད་དུས་ཚོད་ཡོལ་ན་ཉིན་རེ་སྒོར་བཅུ་རེའི་ཆད་པ་ཁུར་དགོས། དུས་ཚོད་ཡོལ་ནས་ཟླ་བ་གཅིག་ཕྱིན་ན་སྐུ་ཉིད་ཀྱི་ཐོབ་ཐང་ལག་འཁྱེར་རང་བཞིན་གྱིས་རྩིས་མེད་དུ་ཕྱིན་པ་ཡིན།

༧༽   སྐུ་ཉིད་ནས་གཡར་བའི་དཔེ་དེབ་དེ་དག་ཐོབ་ཐང་ལག་འཁྱེར་གྱི་དུས་ཚོད་མ་རྫོགས་གོང་དུ་ངེས་པར་ཚུར་འབུལ་དགོས། 

༨༽   གལ་སྲིད་དཔེ་དེབ་བོར་བརླག་ཕྱིན་པ་དང་རལ་བ་སོགས་བྱུང་ན་ཁྱེད་རང་གིས་བཞག་པའི་གཏའ་མ་ཕྱིར་སློག་བྱ་རྒྱུ་མིན།