པར་བཤུ།
སྡེ་ཚན། བརྡ་ལན།
ཀློག་གྲངས། 790

གནའ་དེང་གཞུང་ལ་མཁྱེན་རྒྱ་ཡངས་པའི་ཝཱ་ཎ་དགེ་བཤེས་ངག་དབང་བསྟན་འཕེལ་ལགས་བརྒྱུད་ནས་འབུལ་གནང་མཛད་པ། ཁོང་གིས་ཞུ་སྒྲིག་བྱས་ཤིང་དགེ་ལྡན་སྤྱི་ལས་སྐབས་ཞེ་དགུ་པས་འདོན་སྤེལ་བྱས་པའི་སྡེ་བདུན་ལ་འཇུག་པའི་སྒོ་སོགས་རྗེ་ཡབ་སྲས་རྣམས་ཀྱི་ལེགས་བཤད་གཞུང་ཚན་བཞི་ཕྱོགས་བསྒྲིགས་བྱས་པ་དགེ་ལྡན་པོད་ཕྲེང་ ༥༧ པ་དང་། བདེ་སྟེང་པ་ཤེས་རབ་སྐལ་ལྡན་ལགས་ཀྱིས་བརྩམས་པའི་གནས་མཆོག་བདེ་ཆེན་སྟེང་གི་བྱུང་བ་བརྗོད་པ་དང་། དཔལ་སྤྲུལ་པདྨ་མདོ་སྔགས་བསྟན་འཛིན་གྱི་གསུང་རྩོམ་དཔེ་དེབ་གཅིག་དང་། མཉྫུ་ཤྲཱི་སུ་དྷཱིར་གྱིས་བྲིས་པའི་བོད་ཀྱི་མཐའ་མཚམས་འགྲམ་ཁུལ་གྱི་ངོ་སྤྲོད་དེབ་བཅས་གནང་འབྱོར་བྱུང་བས། འདི་དག་གིས་བོད་ཀྱི་ཐུན་མིན་ཆོས་རིག་ལོ་རྒྱུས་ལ་དོན་གཉེར་ཅན་གྱི་རྒྱ་ཆེའི་ཀློག་པ་པོ་རྣམས་ལ་ཕན་འབྲས་རྒྱ་ཆེར་འབྱུང་ངེས་པས། རྩོམ་པ་པོ་དང་མཐུན་འབྱོར་གནང་བའི་འབྲེལ་ཡོད་ཁག་ལ་ཐུགས་རྗེ་ཆེ་ཞུ།