- རྒྱས་བཤད་བྱེད་པ།
- སྡེ་ཚན། འདོན་རྟ་དབྱངས།
- ཀློག་གྲངས། 1387
སྒྲ་ཨང་། NJ-ADLRGL-001
དབྱངས་འཐེན་གཞུང་། བདག་འཇུག་དང་བསྐང་གསོ།
དབྱངས་འཐེན་མཁན། རྒྱུད་སྟོད་བྱང་ཟུར་རྒན་ཨ་ཆེན་ནམ་ངག་དབང་འཇམ་དབྱངས། (༡༩༡༥ - ༡༩༩༩)
དབྱངས་འཐེན་དུས། ཕྱི་ལོ་༡༩༩༨ ལོའི་ཡས་མས།
དབྱངས་འཐེན་གནས། འབུམ་ལ་བསྟན་སྒང་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་།
སྒྲིག་བཟོ་བ། རྒྱུད་སྟོད་དཔེ་མཛོད་ཁང་།
འགྲེམས་སྤེལ་བ། རྒྱུད་སྟོད་དཔེ་མཛོད་ཁང་།
རྣམ་པ། MP3 གྲངས། 01 ཚད། 11.2 MB
སྒྲ་སྤྱིའི་ཨང་། GLAD-00005
ངོ་སྤྲོད་མདོར་བསྡུས། གསང་ཆེན་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་བྱང་འདྲེན་ཆེན་མོ་ཟུར་པ་ཡོངས་གྲགས་སུ་རྒན་ཨ་ཆེན་ནམ། ངག་དབང་འཇམ་དབྱངས་མཆོག་ནི་ཕྱི་ལོ་ ༡༩༡༥ ལོར་བྲག་གཡབ་ཏུ་འཁྲུངས། དགུང་ན་ཆུང་དུས་ནས་འདུལ་བ་དགོན་དང་དགའ་ལྡན་ཤར་རྩེ་གྲྭ་ཚང་དུ་ཞུགས་ཏེ་སློབ་གཉེར་མཛད། ཕྱི་ལོ་༡༩༣༩ ལོར་རྒྱུད་སྟོད་གྲྭ་ཚང་དུ་ཞུགས་ཏེ་ཆོ་ག་ཕྱག་ལེན་དང་འདོན་རྟ་དབྱངས་སོགས་སྦྱངས་པ་མཛད་ཅིང་རྒྱུད་གཞུང་བྱང་འདྲེན་མཛད། ཕྱི་ལོ་༡༩༥༩ ལོར་དུས་འགྱུར་དབང་གིས་རྒྱ་གར་དུ་འབྱོར་སྐབས་གྲྭ་ཚང་གི་མཐོང་བརྒྱུད་ཆོ་ག་ཕྱག་བཞེས་དང་འདོན་རྟ་དབྱངས་རྣམས་མི་ཉམས་རྒྱུན་གནས་ཀྱི་ཆེད་སློབ་ཁྲིད་དང་། བྱང་འདྲེན་ཆེན་མོ་བཞེངས་ཤིང་གྲྭ་ཚང་ལ་གཟེངས་སུ་ཐོན་པའི་ཕྱག་རྗེས་འཇོག་གནང་མཛད་དེ། མཐར་ཕྱི་ལོ་ ༡༩༩༩ ས་ག་ཟླ་བའི་ཡར་ཚེས་ལ་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་ནོ།། འདིར་དམ་པ་ཁོང་གིས་དབྱངས་འཐེན་གནང་མཛད་པའི་བདག་འཇུག་དང་བསྐང་གསོ་ཆེན་མོའི་དབྱངས་ཀྱི་མགོ་སྐུལ་སྙན་ཞིང་འཇེབས་ལ་རྔམ་བརྗིད་ལྡན་པ་དག་གཅེས་ཉར་དང་། དོན་གཉེར་ཅན་ལ་ཕན་པའི་ཆེད་དུ་བཀོད་ཡོད།
སྒྲ་གསར་ཤོས།
- ༈ ཌལ་ཧོར་ནས་བསྟན་སྒང་དུ་གནས་སྤོའི་སྐབས་བསྩལ་བའི་༸གོང་ས་མཆོག་གི་གལ་ཆེའི་བཀའ་སློབ།
- ༈ ཐུན་དྲུག་བླ་མའི་རྣལ་འབྱོར་རྒྱས་བསྡུས་ཉམས་སུ་ལེན་ཚུལ་གྱི་བཀའ་ཁྲིད།
- ༈ དགེ་ལྡན་བཀའ་བརྒྱུད་ཀྱི་ཕྱག་རྒྱ་ཆེན་པོ་རྩ་འགྲེལ་གྱི་བཀའ་ཁྲིད།
- ༈ དཔལ་གསང་བ་འདུས་པ་འཕགས་ལུགས་དང་མཐུན་པའི་སྔགས་ཀྱི་ས་ལམ་རྣམ་གཞག་ལེགས་བཤད་སྐལ་བཟང་འཇུག་ངོགས།
- ༈ བདག་འཇུག་དང་བསྐང་གསོ་ཆེན་མོའི་དབྱངས་ཀྱི་མགོ་སྐུལ།
- ༈ བྱང་ཆུབ་ལམ་གྱི་རིམ་པའི་དམར་ཁྲིད་ཐམས་ཅད་མཁྱེན་པར་བགྲོད་པའི་བདེ་ལམ་དང་མྱུར་ལམ། ཐེག་པ་ཆེན་པོའི་བློ་སྦྱོང་དོན་བདུན་མ།
- ༈ བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་བཀའ་ཁྲིད་རྒྱས་པ། ལེའུ་དང་པོ་ནས་དྲུག་པའི་བར།