སྒྲ་ཨང་།  SR-ADTGLLT-0002 
གཞུང་ཚན།  བློ་སྦྱོང་སྐོར།(སྤྱོད་འཇུག་ཆེན་མོ།)
ཁྲིད་གཞུང་།  སྤྱོད་འཇུག་ཆེན་མོ་དང་། རྒྱལ་ཚབ་རྗེའི་ས་བཅད་སྦྲགས་མ།
བརྗོད་བྱ།  རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཉམས་ལེན།
མཛད་པ་པོ། སློབ་དཔོན་ཞི་བ་ལྷ། [ འཁྲུངས་འདས་མ་ངེས།]རྒྱལ་ཚབ་རྗེ། [ ༡༣༦༤-༡༤༣༢]
འཁྲིད་མཁན། ༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་བློ་བཟང་བསྟན་འཛིན་མཆོག
སྒྲིག་བཟོ་བ། རྒྱུད་སྟོད་དཔེ་མཛོད་ཁང་། 
འགྲེམས་སྤེལ་བ། རྒྱུད་སྟོད་དཔེ་མཛོད་ཁང་།
ཐོག་མའི་སྒྲིག་སྦྱོར།      ཕྱི་ལོ་ ༢༠༢༢ ཟླ་༥ ཚེས་༢༥།
སྤྱིའི་ཨང་། GLAD00011
རྣམ་པ། MP3 གྲངས། 167  ཚད། 5.29 GB


ངོ་སྤྲོད་མདོར་བསྡུས། རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོ་འདི་ནི། རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཉམས་ལེན་སྐྱེས་བུ་ཆེན་པོའི་བསམ་པ་སྦྱོང་བའི་ཡན་ལག་ཏུ་སྐྱེས་བུ་ཆུང་འབྲིང་གི་བསམ་པ་སྦྱོང་བ་སྔོན་དུ་བཏང་ནས། བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་དེ་སྤྱོད་པ་སྦྱིན་སོགས་ཕར་ཕྱིན་ལ་བསླབས་ནས། སངས་རྒྱ་བའི་བར་གྱི་ལམ་གྱི་རིམ་པ་རྫོགས་པར་སྟོན་པའི་བྱང་ཆུབ་སེམས་སྦྱོང་གི་གདམས་པ་སྟོན་པའི་གཞུང་ལེགས་ཤོས་ཤིག་ཡིན་ཅིང་། དེ་ཉིད་བདག་ཉིད་ཆེན་པོ་སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེས་ལུང་རིགས་དཔེ་གསུམ་གྱི་སྒོ་ནས་གསུང་བཤད་ཞིབ་རྒྱས་གནང་བའི་བཀའ་ཁྲིད་རྒྱས་པ་ཞིག་ཡིན་ནོ།།

སྒྲ་ཨང་།  SR-ADTGLMT-0004 
གཞུང་ཚན།  སྔགས་ཀྱི་སྐོར།(བླ་མ་ལྔ་བཅུ་པ།)
ཁྲིད་གཞུང་།  བླ་མ་ལྔ་བཅུ་པ།
བརྗོད་བྱ།  གསང་སྔགས་རྡོ་རྗེ་ཐེག་པའི་བཤེས་གཉེན་ཇི་ལྟར་བསྟེན་ཚུལ།
མཛད་པ་པོ།
 སློབ་དཔོན་བྷ་བི་ལྷ། [ འཁྲུངས་འདས་མ་ངེས།]
འཁྲིད་མཁན། ༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་བློ་བཟང་བསྟན་འཛིན་མཆོག
སྒྲིག་བཟོ་བ། རྒྱུད་སྟོད་དཔེ་མཛོད་ཁང་། 
འགྲེམས་སྤེལ་བ། རྒྱུད་སྟོད་དཔེ་མཛོད་ཁང་།
ཐོག་མའི་སྒྲིག་སྦྱོར།          ཕྱི་ལོ་ ༢༠༢༡
སྤྱིའི་ཨང་། GLAD00010
རྣམ་པ།
MP3 གྲངས། 49  ཚད། 1.07 GB

ངོ་སྤྲོད་མདོར་བསྡུས། འདི་ནི་སློབ་དཔོན་མཁས་པ་བྷ་བི་ལྷས་བྱང་ཆུབ་སེམས་པ་གསང་སྔགས་ཀྱི་སྒོ་ནས་སྤྱད་པ་སྤྱོད་པར་འདོད་པ་རྣམས་ཀྱིས་སྔགས་ཀྱི་བཤེས་གཉེན་བསྟེན་ཚུལ་མདོ་དང་ཐུན་མོང་མ་ཡིན་པར་ཇི་ལྟར་བསྟེན་ཚུལ་ཉམས་སུ་ལེན་ཚུལ་རྒྱུད་སྡེ་མང་པོ་དང་བསྟུན་ནས་གསུངས་པའི་བསྟན་བཅོས་རྨད་དུ་བྱུང་བ་ཞིག་ཡིན་ཅིང་། དེ་ཉིད་བདག་ཉིད་ཆེན་པོ་སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེས་གསུང་བཤད་ཞིབ་རྒྱས་གནང་བ་ཞིག་ཡིན་ནོ།།

 

 

སྒྲ་ཨང་།  SR-ADTGLMT-0003  
གཞུང་ཚན།  སྔགས་ཀྱི་སྐོར།( ཐུན་དྲུག་བླ་མའི་རྣལ་འབྱོར།)
ཁྲིད་གཞུང་།  ཐུན་དྲུག་བླ་མའི་རྣལ་འབྱོར་རྒྱས་བསྡུས་ཉམས་སུ་ལེན་ཚུལ་འཁྱེར་བདེ་མན་ངག་གིས་བརྒྱན་པ།
བརྗོད་བྱ།  གསང་སྔགས་རྡོ་རྗེ་ཐེག་པའི་དམ་ཚིག་དང་སྡོམ་པ་དག་པར་བྱེད་ཚུལ།
མཛད་པ་པོ། སྐྱབས་རྗེ་ཕ་བོང་ཁ་པ་བདེ་ཆེན་སྙིང་པོ། [ ༡༨༧༨-༡༩༤༡]
འཁྲིད་མཁན། ༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་བློ་བཟང་བསྟན་འཛིན་མཆོག
སྒྲིག་བཟོ་བ། རྒྱུད་སྟོད་དཔེ་མཛོད་ཁང་། 
འགྲེམས་སྤེལ་བ། རྒྱུད་སྟོད་དཔེ་མཛོད་ཁང་།
ཐོག་མའི་སྒྲིག་སྦྱོར།          ཕྱི་ལོ་ ༢༠༢༡
སྤྱིའི་ཨང་། GLAD00009
རྣམ་པ། MP3 གྲངས། 20  ཚད། 170 MB


ངོ་སྤྲོད་མདོར་བསྡུས། རྒྱུད་སྡེ་གོང་མ་གཉིས་ཀྱི་དཀྱིལ་འཁོར་ཆེན་པོའི་དབང་བསྐུར་བ་ལེགས་པར་ཐོབ་པའི་གང་ཟག་གིས་ཇི་སྲིད་སྔགས་སྡོམ་རྒྱུད་ལ་ལྡན་པ་དེ་སྲིད་དུ། རྩ་བ་དང་ཡན་ལག་གི་དམ་སྡོམ་རྣམས་ལ་ཉིན་རེ་བཞིན་བསྔོ་བགྲང་བྱེད་ཅིང་། ཁྱད་པར་རིགས་ལྔའི་དམ་ཚིག་ཐུན་དྲུག་ཏུ་བསྐྱང་དགོས་ཏེ། དེ་ལྟར་མ་བྱས་ན་ཁ་ན་མ་ཐོ་བ་སྦོམ་པོར་འགྱུར་བས། འདིས་ནི་དེ་དག་གི་དོན་ལས་དང་པོ་པ་རྣམས་ཀྱིས་ཐུན་དྲུག་ཏུ་ཉམས་སུ་བླངས་ཏེ་དམ་སྡོམ་ཉམས་ཆག་དག་པར་བྱེད་ཚུལ་གྱི་ཐབས་རྨད་དུ་བྱུང་བ་ཞིག་ཡིན་ནོ།།

སྒྲ་ཨང་།  SR-ADTGLST-0001 
གཞུང་ཚན།  ཟབ་མོ་ལྟ་བའི་སྐོར།(ཕྱག་ཆེན་རྩ་བ་དང་འགྲེལ་པ།)
ཁྲིད་གཞུང་།  ཕྱག་ཆེན་རྩ་བ་རྒྱལ་བའི་གཞུང་ལམ་དང་། རྒྱས་པར་བཤད་པ་ཡང་གསལ་སྒྲོན་མེ།
བརྗོད་བྱ།  ཆོས་ཐམས་ཅད་ཀྱི་གནས་ལུགས་མཐར་ཐུག་ཟབ་མོ་ལྟ་བའི་རིམ་པ།
རྩ་འགྲེལ་མཛད་པ་པོ། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན།[ ༡༥༧༠-༡༦༦༢]  
འཁྲིད་མཁན། ༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག འཁྲུངས་ལོ་[ ༡༩༣༩-]
སྒྲིག་བཟོ་བ། རྒྱུད་སྟོད་དཔེ་མཛོད་ཁང་། 
འགྲེམས་སྤེལ་བ། རྒྱུད་སྟོད་དཔེ་མཛོད་ཁང་།
ཐོག་མའི་སྒྲིག་སྦྱོར།           ཕྱི་ལོ་ ༢༠༡༤
སྒྲ་སྤྱིའི་ཨང་། GLAD00008
རྣམ་པ། MP3 གྲངས། 33  ཚད། 226 MB

ངོ་སྤྲོད་མདོར་བསྡུས། དགེ་ལྡན་བཀའ་བརྒྱུད་རིན་པོ་ཆེའི་བཀའ་སྲོལ་ཕྱག་རྒྱ་ཆེན་པོ་རྩ་འགྲེལ་གཉིས་ཀྱི་བཀའ་ཁྲིད་འདི་ཉིད། བདག་ཉིད་ཆེན་པོ་༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་གིས་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དུ། ཕྱི་ལོ་ ༢༠༡༤ ཕྱི་ཟླ་ ༣ ཚེས་ ༡༩ ནས་ཕྱི་ཟླ་ ༤ ཚེས་ ༨ བར་གདན་ས་ཁག་ནས་ཕེབས་པའི་བླ་སྤྲུལ་དགེ་བཤེས་དང་བྱ་བཏང་རྣལ་འབྱོར་པ། དེ་བཞིན་ཕྱོགས་མཐའ་ཁག་ནས་ཕེབས་པའི་དད་ལྡན་དོན་གཉེར་ཅན་སོགས་ཆོས་ཞུ་བ་སྟོང་ཕྲག་ལྷག་བརྒལ་བའི་དཔྱིད་ཆོས་ཆེན་མོར་ཟབ་ལམ་བླ་མ་མཆོད་པའི་ཉམས་ཁྲིད་དང་། ཕྱག་ཆེན་རྩ་འགྲེལ། བདག་འཛིན་གཤགས་འདེབས་སོགས་ཀྱི་བཀའ་ཁྲིད་གནང་བ་ལས་ཟུར་དུ་བཏོན་པའི་སྒྲ་ཆ་ཚང་ཡིན།

སྒྲ་ཨང་།  SR-ADTGLMT-0002 
གཞུང་ཚན།  གསང་སྔགས་ཀྱི་སྐོར།(འཇམ་དཔལ་མཚན་བརྗོད་རྩ་བ་དང་འགྲེལ་པ།)
ཁྲིད་གཞུང་།  འཕགས་པ་འཇམ་དཔལ་གྱི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ་དང་།  རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་རྒྱ་ཆེར་བཤད་པ་རྡོ་རྗེ་རྣལ་འབྱོར་གྱི་དེ་ཁོ་ན་ཉིད་སྣང་བར་བྱེད་པའི་ཉི་མ་ཆེན་པོ།
བརྗོད་བྱ།  གསང་བ་སྔགས་ཀྱི་ལམ་དང་འབྲས་བུ།
རྩ་བ་མཛད་པ་པོ། སྟོན་པ་བཅོམ་ལྡན་འདས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ།
འགྲེལ་པ་མཛད་པ་པོ། ཐམས་ཅན་མཁྱེན་པ་དགེ་འདུན་རྒྱ་མཚོ་དཔལ་བཟང་པོ།[ ༡༤༧༦-༡༥༤༢]
འཁྲིད་མཁན། ༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག
སྒྲིག་བཟོ་བ། རྒྱུད་སྟོད་དཔེ་མཛོད་ཁང་། 
འགྲེམས་སྤེལ་བ། རྒྱུད་སྟོད་དཔེ་མཛོད་ཁང་།
ཐོག་མའི་སྒྲིག་སྦྱོར།           ཕྱི་ལོ་ ༢༠༡༥
སྒྲ་སྤྱིའི་ཨང་། GLAD00007
རྣམ་པ། MP3 གྲངས། 91  ཚད། 610 MB


ངོ་སྤྲོད་མདོར་བསྡུས། འཕགས་པ་སྒྱུ་འཕྲུལ་དྲྭ་བ་སྟོང་ཕྲག་བཅུ་དྲུག་པ་རྣལ་འབྱོར་ཆེན་པོ་རྒྱུད་ཀྱི་བདག་པོའི་ཏིང་ངེ་འཛིན་དྲྭ་བའི་ལེའུ་ནས་བྱུང་བའི་འཕགས་པ་འཇམ་དཔལ་ཡེ་ཤེས་སེམས་དཔའི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པའི་རྩ་བ་དང་འགྲེལ་པ་རྒྱ་ཆེར་བཤད་པ་འདི་གཉིས་ནི། བདག་ཉིད་ཆེན་པོ་༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་གིས་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དུ་ཕྱི་ལོ་ ༢༠༡༥ ཕྱི་ཟླ་ ༣ ཚེས་ ༡༨ ནས་ཕྱི་ཟླ་ ༤ ཚེས་ ༣ བར་བཀའ་ཁྲིད་གནང་བའི་སྒྲ་ཆ་ཚང་ཡིན།

སྒྲ་གསར་ཤོས།