༄༅།། ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༡༦ ཉིན་ངེས་པར་དོན་གྱི་པཎྜི་ཏ་ཆེན་པོ་བདག་ཉིད་ཆེན་པོ་༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་ལ་འཇར་མན་བོད་ཀྱི་ཁང་པ་ནས་ནང་ཆོས་དང་ཚན་རིག་བར་གྱི་ཁྱད་པར། ནང་པ་སངས་རྒྱས་པས་རང་བྱུང་ཚན་རིག རང་བྱུང་ཚན་རིག་པས་ནང་པ་སངས་རྒྱས་པར་བརྟེན་དགོས་མིན། ཤར་ནུབ་ཀྱི་ལྟ་གྲུབ་བར་ལ་རྩ་བའི་ཁྱད་པར་གང་ཡོད་མེད་བཅས་ཀྱི་སྐོར་སོགས་བརྗོད་གཞི་དྲུག་དང་། པཱ་ལི་དང་ལེགས་སྦྱར་གྱི་སྐད་ཡིག་ཏུ་ཡོད་པའི་ནང་ཆོས་ཀྱི་ཁྱད་པར། ནང་པའི་གསང་སྔགས་དེ་ཉིད་ཧིན་དྷིའི་གསང་སྔགས་དང་འདྲེས་ཡོད་མེད་སོགས་ཀྱི་སྐོར་ལ་བཀའ་འདྲི་ཞུས་པ་ཁག་ལ། རིན་པོ་མཆོག་གིས་ཀྱང་ཆེས་རིན་མཐོང་གཞལ་དུ་མེད་པའི་བཀའ་ལན་ཟབ་རྒྱས་གནང་བའི་ཆེས་གལ་གནད་ཅན་གྱི་བརྙན་འཕྲིན་འདི་ཉིད། རྣམ་དཔྱོད་བློ་གྲོས་ཀྱི་འཇུག་པ་ཡངས་ཤིང་གཟུ་བོར་གནས་པའི་སྒོ་ནས་གསན་གཟིགས་གནང་མཁན་དག་ལ་ནང་ཆོས་དང་ཚན་རིག་བར་གྱི་ཁྱད་པར་སོགས་དཀའ་གནད་དུ་མ་བདེ་བླག་ཏུ་རྟོགས་ཐུབ་པར་དགེ་མཚན་ཆེན་པོར་མཐོང་སྟེ། ང་ཚོས་བརྒྱུད་འགོད་ཞུས་ཡོད།