མཚན་བྱང་།  འཕགས་པ་འཇམ་དཔལ་གྱི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ་དང་། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་རྒྱ་ཆེར་བཤད་པ་རྡོ་རྗེ་རྣལ་འབྱོར་གྱི་དེ་ཁོ་ན་ཉིད་སྣང་བར་བྱེད་པའི་ཉི་མ་ཆེན་པོ། 
མཛད་པ་པོ།  རྩ་བ། རྒྱལ་བ་ཤཱཀྱ་ཐུབ་པ། འགྲེལ་པ། རྒྱལ་བ་དགེ་འདུན་རྒྱ་མཚོ་དཔལ་བཟང་པོ། ( ༡༤༧༦-༡༥༤༢)
བརྗོད་བྱ། རྣལ་འབྱོར་བླ་ན་མེད་པའི་རྒྱུད་དོན་སྤྱི་དང་། ལྷག་པར་དུ་དུས་ཀྱི་འཁོར་ལོའི་གཞུང་ནས་གསུངས་པའི་གསང་གསུམ་དབྱེར་མེད་དུ་སྒྲུབ་ཚུལ། 
དཔར་ལོ། ༢༠༡༥
དཔར་ཐེངས། དང་པོ།  

ངོ་སྤྲོད་མདོར་བསྡུས།  ཕྱག་དཔེ་འདི་ནི་༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་ནས་ཆོས་འདིའི་བཤད་ཁྲིད་གནང་སྐབས་དད་ལྡན་ཆོས་ཞུ་བ་རྣམས་ཀྱི་སླད་དུ་དཔར་སྐྲུན་ཞུས་པ་ཡིན།
ཕབ་ལེན།  PDF

མཚན་བྱང་།  རྒྱུད་སྡེ་སྤྱིའི་རྣམ་པར་བཞག་པ་རྒྱས་པར་བཤད་པ། གསང་སྔགས་ཀྱི་རྫས་རྣམས་ཀྱི་རྣམ་བཤད་རྣལ་འབྱོར་རོལ་པའི་དགའ་སྟོན། རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྫོགས་རིམ་གྱི་མན་ངག་བཅས།
མཛད་པ་པོ།  མཁས་གྲུབ་ཐམས་ཅད་མཁྱེན་པ། (༡༣༨༥-༡༤༣༨)
བརྗོད་བྱ།  གསང་ཆེན་རྒྱུད་སྡེ་བཞིའི་ཟབ་ལམ་དང་ཟབ་ཁྱད་ཀྱི་སྐོར།
དཔར་ཐེངས་གཉིས་པ།  ༢༠༡༥

ངོ་སྤྲོད་མདོར་བསྡུས།
ཕྱག་དཔེ་འདི་ནི་གོང་འཁོད་ཀྱི་ཆོས་ཚན་རྣམས་དཔར་མ་མི་འདྲ་བ་བཞི་ལ་དཔེ་བསྡུར་ལེགས་ཞུས་ཀྱིས་འོག་མཆན་དང་ལུང་ཁུངས་སོགས་གསལ་བར་བཀོད་དེ་༸གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ཆེད་དུ་དཔར་སྐྲུན་ཞུས་པ་ཡིན།
ཕབ་ལེན།  PDF