༈ ༧སྐྱབས་རྗེ་སློབ་དཔོན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་མཆོག་གིས་རྒྱུད་འགྲེལ་ཆེན་མོ་བརྩམས་ནས་ལོ་དྲུག་བརྒྱ་འཁོར་བའི་རྗེས་དྲན་སྔགས་ཀྱི་མཁས་པའི་བགྲོ་གླེང་ཆེན་མོ་ཚད་ལྡན་ཡོང་ཐབས་ཀྱི་ཆེད་བསྩལ་བའི་བཀའ་སློབ།

གང་གི་དྲིན་གྱིས་བདེ་ཆེན་ཉིད།།

སྐད་ཅིག་ཉིད་ལ་འཆར་བ་གང།།

བླ་མ་རིན་ཆེན་ལྟ་བུའི་སྐུ།།  

རྡོ་རྗེ་ཅན་ཞབས་པད་ལ་འདུད།།

དེ་རིང་འདིར་ཚོགས་འདུར་ཕེབས་པའི་༸སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་དང་། བླ་མ་དབུ་མཛད་མཆོག  དེ་བཞིན་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་ལས་སྣེ་དབུ་ཆོས། དགེ་བཤེས། བསྐྱེད་རིམ་པ། དགེ་འདུན་བགྲེས་གཞོན་ཚང་མར་ཞུ་རྒྱུ།  འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་འགྲེལ་པ་བཞི་སྦྲགས་ལྗགས་རྩོམ་གནང་སྟེ་འཆད་ཉན་གྱི་སྲོལ་བཙུགས་ནས་ལོ་ ༦༠༠ འཁོར་བའི་རྗེས་དྲན་གྱི་ཆེད་དུ་གྲྭ་ཚང་གིས་ཐུགས་འགན་བཞེས་ཏེ་མཁས་པའི་བགྲོ་གླེང་དང་། ༸གོང་ས་མཆོག་གི་གསུང་ཆོས་ཀྱི་རིམ་པ་སོགས་མཛད་འཆར་ཇི་སྙེད་ཅིག་གོ་སྒྲིག་གནང་བཞིན་པ་དང་།