མཚན་བྱང་།  རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་མན་ངག་རིམ་པ་ལྔ་རབ་ཏུ་གསལ་བའི་སྒྲོན་མེ། 
མཛད་པ་པོ།  རྗེ་ཙོང་ཁ་པ་བློ་བཟང་གྲགས་པ། (༡༣༥༧-༡༤༡༩)
བརྗོད་བྱ། རྣལ་འབྱོར་བླ་ན་མེད་པའི་ཟབ་ལམ་རིམ་པ་ལྔའི་སྐོར།
དཔར་ཐེངས་གཉིས་པ།  ༢༠༡༥ 
དེབ་ཚད།  18.288 X 24.384cm
ཤོག་གྲངས།  606
རྒྱལ་སྤྱིའི་དཔེ་རྟགས་ཨང་།  ༩༧༨ ༨༡ ༩༢༤༦༤༩ ༨ ༥ 
ངོ་སྤྲོད་མདོར་བསྡུས།  རྒྱུད་སྟོད་གསལ་སྒྲོན་དཔེ་བསྡུར་མའི་ཕྱག་དཔེ་འདི་ནི་དཔར་མ་མི་འདྲ་བ་ཁག་ལྔ་ལ་དཔེ་བསྡུར་ལེགས་ཞུས་ཀྱིས་འོག་མཆན་དང་ལུང་ཁུངས་སོགས་གསལ་བར་བཀོད་དེ་༸གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ཆེད་དུ་དཔར་སྐྲུན་ཞུས་པ་ཡིན། 

མཚན་བྱང་།  རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པ། སྔགས་རིམ་ཆེན་མོ་དཔེ་བསྡུར་མ།  
མཛད་པ་པོ།  རྗེ་ཙོང་ཁ་པ་བློ་བཟང་གྲགས་པ། (༡༣༥༧-༡༤༡༩)
བརྗོད་བྱ། གསང་ཆེན་རྒྱུད་སྡེ་བཞིའི་ཟབ་ལམ་དང་ཟབ་ཁྱད། 
དཔར་ཐེངས་གཉིས་པ།  ༢༠༡༩ 
དེབ་ཚད།  18.288 X 24.384cm
ཤོག་གྲངས།  899
རྒྱལ་སྤྱིའི་དཔེ་རྟགས་ཨང་།  ༩༧༨ ༩༣ ༨༤༨༣༩ ༡༡ ༦ 
ངོ་སྤྲོད་མདོར་བསྡུས།  ཕྱག་དཔེ་འདི་ནི་ཕྱི་ལོ་༡༤༡༩ ལོར་ཁམས་གསུམ་འགྲོ་བའི་བླ་མ་ཤར་རྒྱལ་བ་ཙོང་ཁ་པ་བློ་བཟང་གྲགས་པའི་ཞལ་སྔ་ནས་བར་དོར་ལོངས་སྤྱོད་རྫོགས་པའི་སྐུ་མངོན་དུ་མཛད་པ་དང་། རྗེ་བླ་མས་རྒྱུད་ཆེན་ཤེས་རབ་སེངྒེར་རྒྱུད་ཀྱི་གླེགས་བམ་གནང་སྟེ་གསང་སྔགས་ཀྱི་བསྟན་པའི་བདག་པོར་མངའ་གསོལ་བ། གསང་བདག་མི་ཡི་རྣམ་རོལ་རྒྱུད་ཆེན་རྡོ་རྗེ་འཆང་རྗེ་བཙུན་ཀུན་དགའ་དོན་གྲུབ་དཔལ་བཟང་པོ་མཆོག་མཚན་དཔེའི་དཀྱིལ་འཁོར་བཞད་ནས་ལོ་དྲུག་བརྒྱ་འཁོར་བ་བཅས་དུས་ཆེན་གསུམ་འཛོམས་ཀྱི་རྒྱུད་ཆེན་རྗེས་དྲན་ཆེན་མོ་སྲུང་བརྩིའི་སྐབས་དཔར་སྐྲུན་ཞུས་པ་ཡིན།