བརྗོད་གཞི།  ཆོ་ག་ཕྱག་ལེན་གལ་གནད་ཆེ་བའི་སྐོར།
གནང་མཁན།  བདག་ཉིད་ཆེན་པོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ།
གནང་དུས།  ཕྱི་ལོ་༢༠༡༢ ཕྱི་ཟླ་ ༧ ཚེས་༩ ནས་ ༡༤ བར།
གནང་ཡུལ།  དྷ་ས་ར་ཆེ་གཉིས་པའི་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་གཙུག་ལག་ཁང་།
སྒྲིག་བཟོ་བ།  རྒྱུད་སྟོད་དཔེ་མཛོད་ཁང་།
འགྲེམས་སྤེལ་བ།  རྒྱུད་སྟོད་དཔེ་མཛོད་ཁང་།

ངོ་སྤྲོད་མདོར་བསྡུས།  ཕྱི་ལོ་ ༢༠༡༢ ཕྱི་ཟླ་ ༧ ཚེ་ ༩ ནས་ ༡༤ བར་ཉིན་གྲངས་ ༦ རིང་གསང་ཆེན་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་དགེ་སློང་ཡོངས་རྫོགས་ནས་གྲྭ་ཚང་གི་བསླབ་པ་སློབ་གཉེར་སྤྱི་དང་ལྷག་པར་སྔར་སྲོལ་མཐོང་བརྒྱུད་ཀྱི་ཕྱག་བཞེས་ཆོ་ག་ཕྱག་ལེན་སྐོར་དང་། ཆོས་འཆད་ཉན། ཁྲིམས་སྒྲིག་ལམ་སོགས་ཀྱི་ཐད་མི་ཉམས་རྒྱུན་གནས་དང་ཉམས་པ་སླར་གསོ་གནང་ཕྱོགས་སྐོར་དམིགས་བསལ་ཚོགས་ཆེན་གྱི་དབུ་འབྱེད་དང་འབྲེལ་ཉིན་ལྔའི་བརྗོད་གཞིའི་སྙིང་དོན་དང་བགྲོ་གླེང་གནང་ཕྱོགས་ཐད། བདག་ཉིད་ཆེན་པོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ནས་བསྩལ་བའི་བཀའ་སློབ་ཟབ་རྒྱས།

བརྗོད་གཞི།  དུས་ཆེན་སུམ་འཛོམས་ཀྱི་རྒྱུད་ཆེན་རྗེས་དྲན་ཆེན་མོའི་མཛད་སྒོ་དང་འབྲེལ་བའི་བཀའ་སློབ།
གནང་མཁན།  ༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
གནང་དུས།  ཕྱི་ལོ་༢༠༡༩ ཕྱི་ཟླ་ ༡༡ ཚེས་༢
གནང་ཡུལ།  དྷ་ས་ར་ཆེ་གཉིས་པའི་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་གཙུག་ལག་ཁང་།
སྒྲིག་བཟོ་བ།  རྒྱུད་སྟོད་དཔེ་མཛོད་ཁང་།
འགྲེམས་སྤེལ་བ།  རྒྱུད་སྟོད་དཔེ་མཛོད་ཁང་།

ངོ་སྤྲོད་མདོར་བསྡུས།  ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢ ཉིན་ཁམས་གསུམ་འགྲོ་བའི་བླ་མ་ཤར་རྒྱལ་བ་ཙོང་ཁ་པ་བློ་བཟང་གྲགས་པའི་ཞལ་སྔ་ནས་བར་དོ་ལོངས་སྤྱོད་རྫོགས་པའི་སྐུ་མངོན་དུ་བྱས་པ་དང་། རྗེ་བླ་མ་ཙོང་ཁ་པ་ཆེན་པོས་རྒྱུད་ཆེན་ཤེས་རབ་སེངྒེར་རྒྱུད་ཀྱི་གླེགས་བམ་གནང་སྟེ་གསང་སྔགས་ཀྱི་བསྟན་པའི་བདག་པོར་མངའ་གསོལ་བ། གསང་བདག་མི་ཡི་རྣམ་རོལ་རྒྱུད་ཆེན་རྡོ་རྗེ་འཆང་རྗེ་བཙུན་ཀུན་དགའ་དོན་གྲུབ་དཔལ་བཟང་པོ་མཆོག་མཚན་དཔེའི་དཀྱིལ་འཁོར་བཞད་ནས་ལོ་དྲུག་བརྒྱ་འཁོར་བ་བཅས་དུས་ཆེན་སུམ་འཛོམས་ཀྱི་རྒྱུད་ཆེན་རྗེས་དྲན་ཆེན་མོའི་མཛད་སྒོའི་ཚོགས་མགོན་དུ་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་དང་འབྲེལ་རིན་བྲལ་གྱི་བཀའ་སློབ་བཀའ་དྲིན་ཆེ་བ་དང་།  རྒྱུད་ཊཱིཀ་ཆེན་མོའི་གསང་སྔགས་མཁས་པའི་བགྲོ་གླེང་གི་དབུ་འབྱེད་གནང་བའི་སྐབས་ཀྱི་བརྙན་འཕྲིན།

བརྗོད་གཞི།  གསན་བསམ་ཉམས་བཞེས་གནང་ཕྱོགས།
གནང་མཁན།  བདག་ཉིད་ཆེན་པོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ།
གནང་དུས།  ཕྱི་ལོ་༢༠༡༤ ཕྱི་ཟླ་ ༤ ཚེས་༤
གནང་ཡུལ།  དྷ་ས་ར་ཆེ་གཉིས་པའི་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་གཙུག་ལག་ཁང་།
སྒྲིག་བཟོ་བ།  རྒྱུད་སྟོད་དཔེ་མཛོད་ཁང་།
འགྲེམས་སྤེལ་བ།  རྒྱུད་སྟོད་དཔེ་མཛོད་ཁང་།

ངོ་སྤྲོད་མདོར་བསྡུས།  ཕྱི་ལོ་༢༠༡༤ ཕྱི་ཟླ་ ༣ ཚེས་ ༡༩ ནས་ ཕྱི་ཟླ་ ༤ ཚེས་ ༤ བར། དྷ་ས་ར་ཆེ་གཉིས་པའི་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་གཙུག་ལག་ཁང་དུ་རྒྱལ་སྲས་བླ་སྤྲུལ་བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་དགེ་འདུན་འདུས་པ་རྒྱ་མཚོ་སོགས་དད་ལྡན་སློབ་མ་སྟོང་ཕྲག་ལྷག་ལ། བཀའ་ཆེན་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པའི་བླ་མཆོད་ཁྲིད་ཡིག་ཆེན་མོ་དང་། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་མཛད་པའི་ཕྱག་ཆེན་རྩ་འགྲེལ་སྦྲགས་པའི་ཉམས་ཁྲིད་རྒྱས་པ་ལེགས་པར་བསྩལ་པའི་མཇུག་སྡོམ་དུ་གནང་བའི་གལ་ཆེའི་བཀའ་སློབ།