མཚན་བྱང་། རྒྱུད་སྟོད་དུས་དེབ་ཨེ་ཝཾ་རང་སྒྲ།
བརྗོད་བྱ།  སྣ་ཚོགས།
འདོན་ཐེངས་གཉིས་པ། ༢༠༡༩
རྒྱལ་སྤྱིའི་དཔེ་རྟགས་ཨང་།  ༩༧༨ ༩༣ ༨༤༨༣༩ ༨༨ ༨
ངོ་སྤྲོད་མདོར་བསྡུས། དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་ཤེས་ཡོན་ལྷན་ཚོགས་ནས་གྲྭ་ཚང་གི་སློབ་གཉེར་བ་རྣམས་རིག་གནས་སྤྱི་ལ་དོ་དབྱིངས་དང་། ལྷག་པར་དུ་རྩོམ་རིག་སྒྱུ་རྩལ་གྱི་གར་སྟེགས་སུ་གོམ་གང་མདུན་སྤོས་ཐུབ་པའི་དགོས་དམིགས་གཞིར་བཟུང་། རང་རེའི་བོད་ཁ་བ་གངས་ཅན་པའི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་བཟང་པོ་འདི་ཉིད་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་ཐུབ་ཕྱིར། སློབ་གཉེར་བ་རྣམས་ཀྱི་སོར་མོའི་འདུ་བྱེད་ལས་བྱུང་བའི་སྙན་རྩོམ་དང་། དཔྱད་རྩོམ། བཅད་མ། ལྷུག་མ། རང་མོས་སོགས་ལས་གྲུབ་པའི་ཨེ་ཝཾ་རང་སྒྲ་ཞེས་པའི་ལོ་རེར་དུས་དེབ་རེ་འདོན་སྤེལ་བྱེད་བཞིན་ཡོད།