མཚན་བྱང་།  རྒྱུད་འགྲེལ་ཆེན་མོ་བརྩམས་ནས་ལོ་དྲུག་བརྒྱ་འཁོར་བའི་རྗེས་དྲན་དུས་སྟོན་སྐབས་སྔགས་ཀྱི་བགྲོ་གླེང་ཆེན་མོའི་གསུང་བཤད་དང་གསུང་རྩོམ་ཕྱོགས་བསྡུས་ལུང་རིགས་འོད་སྟོང་འབར་བའི་ཉིན་བྱེད།
བརྗོད་བྱ། དཔལ་གསང་བ་འདུས་པའི་རྒྱུད་འགྲེལ་ཆེན་མོའི་ཟབ་གནད་ཀྱི་སྐོར། 
དཔར་ཐེངས་དང་པོ། ༢༠༡༦ 
དེབ་ཚད།  18.288 X 24.384cm
ཤོག་གྲངས།  384
རྒྱལ་སྤྱིའི་དཔེ་རྟགས་ཨང་། ༩༧༨ ༨༡ ༩༢༤༦༤༩ ༡ ༦ 
ངོ་སྤྲོད་མདོར་བསྡུས།  ཕྱག་དཔེ་འདིའི་ནང་དུ་གསང་ཆེན་སྟོད་རྒྱུད་གྲྭ་ཚང་དུ་དྲུག་བརྒྱའི་རྗེས་དྲན་ཆེན་མོའི་བགྲོ་གླེང་གི་སྐབས་སུ་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། མཚུངས་མེད་ཤར་བྱང་གི་ཆོས་རྗེ་རྣམ་པ་གཉིས། དེ་བཞིན་མཁས་པའི་དབང་པོ་སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དང་། གདན་ས་ཁག་གི་མཁན་ལས་ཟུར་རྣམས་ཀྱི་ལམ་སྟོན་བཀའ་སློབ་དང་། གདན་ས་ཁག་གི་མཁས་པའི་ཁྱུ་མཆོག་དགེ་བཤེས་དག་གི་གསུང་བཤད་དང་བརྩམས་ཆོས་སོགས་བཀོད་ཡོད།

མཚན་བྱང་།  གསང་བདག་མི་ཡི་རྣམ་རོལ་རྒྱུད་ཆེན་རྡོ་རྗེ་འཆང་༸རྗེ་བཙུན་ཀུན་དགའ་དོན་གྲུབ་དཔལ་བཟང་པོ་གི་མཛད་རྣམ་བརྙན་དེབ་ངོ་མཚར་ནོར་བུའི་དོ་ཤལ།
བརྗོད་བྱ། ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྣམ་པར་ཐར་པ། 
དཔར་ཐེངས་དང་པོ། ༢༠༡༩
དེབ་ཚད།  18.288 X 24.384cm
ཤོག་གྲངས།  78
རྒྱལ་སྤྱིའི་དཔེ་རྟགས་ཨང་། ༩༧༨ ༩༣ ༨༤༨༣༩ ༨༧ ༡ 
ངོ་སྤྲོད་མདོར་བསྡུས།  བརྙན་དེབ་འདི་ནས་རྒྱུད་ཆེན་རྡོ་རྗེ་འཆང་ཆེན་པོ་༸རྗེ་བཙུན་ཀུན་དགའ་དོན་གྲུབ་ཀྱི་མཛད་རྣམ་དང་། གསང་ཆེན་སྟོད་རྒྱུད་གྲྭ་ཚང་གི་གལ་ཆེའི་ཕྱག་སྲོལ་དང་མཛད་རིམ་མདོར་བསྡུས་ཤིག་ཀྱང་མཇལ་ཐུབ།