༄༅།། དཔེ་མཛོད་ལ་ཉེ་བར་མཁོ་བའི་གསུང་རབ་དཔར་སྐྲུན་དང་ཕྱག་དཔེ་མཁོ་སྒྲུབ། ལྷག་པར་དཔེ་རྒྱུན་དཀོན་རིགས་འཚོལ་སྒྲུབ་དང་ཉར་ཚགས་བཅས་ཀྱི་སྟངས་འཛིན་གནང་རྒྱུ་སོགས་དཔེ་མཛོད་ཀྱི་འགན་དམིགས་ངོ་འཕྲོད་པའི་ཐོག་ནས་ལས་འགན་སྒྲུབ་དགོས། རྒྱུན་ལྡན་དཔེ་མཛོད་ཀྱི་ལས་གཞི་གལ་ཆེ་ཆུང་ལ་གཞིགས་པའི་ལས་རིམ་སྔ་ཕྱི་སྒྲིག་སྟངས་དང་། དགོས་མཁོ་ཡོད་མེད་ཀྱི་དབྱེ་མཚམས་དང་གདམ་གསེས་མ་ནོར་བ་མཁྱེན་རྟོགས་ཐུབ་པ་དང་། གཤམ་འོག་གི་ལས་བྱེད་སོ་སོར་ལས་ཀའི་བཀོད་འདོམས་ཚགས་ཚུད་དང་དེ་དག་གི་བདེ་སྡུག་ལའང་གཟིགས་རྟོགས་ཐུབ་པ་དགོས། མདོར་ན་དཔེ་མཛོད་ཁང་དེ་བཞིན་གནའ་དེང་ཤེས་རིག་གི་བང་མཛོད་ཅིག་དང་། དོན་གཉེར་ཅན་གྱི་སློབ་གཉེར་བ་དང་ཉམས་ཞིབ་པ་དག་གི་ཉེར་མཁོའི་སློབ་ཚན་དང་དཔྱད་གཞིའི་ཡིག་ཆ་འཚོལ་སྒྲུབ་ཀྱི་ཐད་ལ་ཆ་རྐྱེན་ཕུན་སུམ་ཚོགས་པའི་བསྟི་གནས་སུ་སྐྲུན་ཐབས། དེ་བཞིན་དུ་ཤེས་ཡོན་དང་འབྲེལ་བའི་བགྲོ་གླེང་ཚོགས་འདུ་དང་། གཏམ་བཤད་ཟབ་སྦྱོང་སོགས་ཀྱང་དུས་ནས་དུས་སུ་གོ་སྒྲིག་ཞུ་རྒྱུ།

འཇམ་དཔལ་རྒྱ་མཚོ། དཔེ་མཛོད་ཁང་གསར་འཛུགས་ཀྱི་ཐོག་མའི་འགན་ཁུར་བ།

ཤེས་ཡོན་འགན་འཛིན་གྱི་ལས་ཁུར་དང་མཉམ་དུ་དཔེ་མཛོད་ཀྱི་ལས་གཞི་ཡང་མགོ་འཛུགས་བྱས། ཕྱི་ལོ་ ༢༠༠༩ ལོར་ཕྱག་མཛོད་དང་ཤེས་ཡོན་འགན་འཛིན་གྱི་འགན་ཁུར་བྱས་རིང་དཔེ་མཛོད་ཀྱི་ལས་གཞི་ཤུགས་ཆེར་བཏང་སྟེ་ཕྱི་ལོ་ ༢༠༡༢ ཕྱི་ཟླ་ ༤ ཚེས་ ༡༨ ཉིན་དཔེ་མཛོད་ཁང་དངོས་སུ་སྒོ་འབྱེད་ཀྱི་གཙོ་འགན་ཁུར་ཡོད།

མིང་།  འཇམ་དཔལ་རྒྱ་མཚོ། (Ven. Jamphel Gyatso)
ལས་ཟུར། འགན་འཛིན། (Former Director)
ལས་དུས། ༢༠༠༩-༢༠༡༢

 

བློ་བཟང་ཀླུ་སྒྲུབ། སྤྱི་ཁྱབ་འགན་ཁུར་བ་དང་ཞུ་སྒྲིག་པ།
གྲྭ་ཚང་གི་ཚོགས་འདུ་ནས་བསྐོ་བཞག་བྱས་པ་ལྟར། ཕྱི་ལོ་ ༢༠༡༢ ཕྱི་ཟླ་ ༨ པ་ནས་ད་ལྟའི་བར་དཔེ་མཛོད་སྤྱི་ཁྱབ་འགན་འཛིན་གྱི་ལས་ཁུར་བྱེད་བཞིན་ཡོད།

མིང་།  བསྐྱེད་རིམ་པ་བློ་བཟང་ཀླུ་སྒྲུབ། (Ven. Lobsang Lodup)
ལས་ཐོབ།  འགན་འཛིན། (Director)
ལས་དུས།  ༢༠༡༢