ཕྱི་ལོ་༢༠༢༢ ཟླ་ ༡༢ ཚེས་༢ ཉིན་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་དཔེ་མཛོད་ཁང་དངོས་སུ་དབུ་བརྙེས་ནས་འདི་ལོར་བགྲང་བྱ་ཧྲིལ་པོ་བཅུ་འཁོར་བའི་རྗེས་དྲན་མཛད་སྒོར། སྐུ་མགྲོན་གྱི་གཙོ་བོ་བདག་ཉིད་ཆེན་པོ་༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་དབུ་བཞུགས་ཐོག །གྲྭ་ཚང་གི་༸སྐྱབས་རྗེ་མཁན་བླ་རྣམ་གཉིས་ཀྱིས་དབུས་པའི་གྲྭ་ཚང་གི་ལས་སྣེ་རྣམ་པ་དང་། དེ་བཞིན་བཀའ་ཟུར་སྐུ་ངོ་ཚེ་རིང་དོན་གྲུབ་མཆོག་སོགས་ཕྱི་ནང་གི་སྐུ་མགྲོན་བརྒྱ་ལྷག་ཚོགས་འཛོམས་ཀྱིས་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་བོད་བསྟན་སྲིད་སྤྱི་དང་། བྱེ་བྲག་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་ལ་བཀའ་དྲིན་ཤིན་ཏུ་ཆེ་བ་དང་། ལྷག་པར་དཔེ་མཛོད་ཀྱི་སྤྱི་ཁྱབ་སློབ་སྟོན་པའི་མཚན་གནས་བཞེས་པའི་བཀའ་དྲིན་ལ་བརྟེན་དཔེ་མཛོད་ཀྱི་མཚན་མཐོང་དང་ལས་དོན་གང་ཅིར་རླབས་ཆེ་བའི་ཕན་འབྲས་གནད་སྨིན་བྱུང་བ་ལ་བརྟེན་བཀའ་དྲིན་རྗེས་དྲན་གྱི་མཚོན་རྟགས་དང་། སྐུ་ཚེ་བསྐལ་བརྒྱར་བརྟན་པའི་རྟེན་འབྲེལ་གྱི་སླད་དུ། ཚེ་སྦྱིན་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྐུ་བརྙན་བཞུགས་ཁྲི་རྒྱབ་ཡོལ་དང་བཅས་པ་༸སྐྱབས་རྗེ་མཁན་བླ་རྣམ་པ་གཉིས་ཀྱིས་འདེགས་འབུལ་ཞུ་བཞིན་པ།
ཕྱི་ལོ་༢༠༢༢ ཟླ་ ༡༢ ཚེས་༢ ཉིན་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་དཔེ་མཛོད་ཁང་དངོས་སུ་དབུ་བརྙེས་ནས་འདི་ལོར་བགྲང་བྱ་ཧྲིལ་པོ་བཅུ་འཁོར་བའི་རྗེས་དྲན་མཛད་སྒོ་དང་བསྟུན། མདོ་སྔགས་གཞུང་བརྒྱ་སྨྲ་བ་ལ་མི་འཇིགས་པའི་སྤོབས་པ་བརྙེས་པའི་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་དགེ་བཤེས་མཁས་གྲུབ་ནོར་བཟང་མཆོག་གིས་འཆད་རྩོད་རྩོམ་གསུམ་གྱི་མཛད་པ་བརྒྱ་ཕྲག་དུ་མའི་བར་གསེང་ནས་གསང་ཆེན་རྒྱུད་སྟོད་གྲྭ་ཚང་གི་དཔེ་མཛོད་ཀྱི་སློབ་སྟོན་པ་དང་ཞུ་ཆེན་པའི་ཐུགས་འགན་ཆེ་བཞེས་གནང་བར་བཀའ་དྲིན་ཆེ་ཞུའི་སླད། ༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གི་ཞལ་སྔལ་ནས་ཀྱིས་ཤེས་རབ་ཀྱི་ལྷ་མཆོག་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་སྐུ་བརྙན་རིན་པོ་ཆེ་གསོལ་སྩལ་གནང་བཞིན་པའི་སྐུ་པར།
ཤེས་འཇོན་ལྷག་བསམ་ལྡན་པའི་རླངས་ཚང་བསྟན་འཛིན་རབ་བརྟན་གྱིས་ལོ་མང་རིང་དུ་འདི་གའི་དཔེ་མཛོད་ཁང་གི་ཞུ་སྒྲིག་གི་ལས་དོན་སྤྱི་དང་བྱེ་བྲག་སོགས། ལས་དོན་ཆེ་ཕྲ་གང་ཞིག་ཡིན་ཡང་རང་དོན་རང་གཅེས་དང་། ངོ་ལྐོག་རྒྱབ་མདུན་མེད་པར་ལྷག་བསམ་ཟོལ་མེད་ཀྱིས་ཞོགས་སྔ་ལང་དང་དགོང་འཕྱི་ཉལ་ཇི་དགོས་བྱས་ཏེ་ལས་དོན་བསྒྲུབས་པའི་ཕུལ་བྱུང་ལས་བྱེད་ཀྱི་གཟེངས་བསྟོད་ཕྱག་འཁྱེར་དང་ལེགས་སྐྱེས་བཅས་ཕྱི་ལོ་༢༠༢༢ ཟླ་ ༡༢ ཚེས་༢ ཉིན་༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེས་སྩལ་གནང་མཛད་བཞིན་པའི་སྐབས།
ཕྱི་ལོ་༢༠༡༥ ནས་བཟུང་དགེ་བཤེས་འཇམ་གཅེས་ལགས་ཀྱིས་འདི་གའི་དཔེ་མཛོད་ཁང་གི་ཞུ་སྒྲིག་གི་ལས་གནས་སུ་དངོས་སུ་ཞུས་ཏེ། གཙོ་བོར་དཔེ་བསྡུར་དང་ཞུ་སྒྲིག་གི་ལས་དོན་ལ་འགན་ཁུར་ཆེན་པོ་བཞེས་པར་ལེགས་སོའི་གཟེངས་བསྟོད་ཕྱག་འཁྱེར་དང་ལེགས་སྐྱེས་བཅས་ཕྱི་ལོ་༢༠༢༢ ཟླ་ ༡༢ ཚེས་༢ ཉིན་༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེས་སྩལ་གནང་མཛད་བཞིན་པའི་སྐབས།
དཔེ་མཛོད་ལོ་བཅུར་འཁོར་བའི་རྗེས་དྲན་མཛད་སྒོ།
- རྒྱས་བཤད་བྱེད་པ།
- སྡེ་ཚན། ངོ་སྤྲོད།
- ཀློག་གྲངས། 838
ངོ་སྤྲོད་གསར་ཤོས།
- ༈ དཔེ་མཛོད་སྒོ་འབྱེད་དང་སྔགས་རམ་ཕྱག་འཁྱེར་སྩོལ་སྐབས།
- ༈ རྒྱུད་འགྲེལ་ཆེན་མོའི་འགྲེལ་དབང་།
- ༈ རྒྱུད་སྟོད་གསལ་སྒྲོན་དཔེ་བསྡུར་མར་རབ་གནས་བྱིན་འབེབས་གནང་སྐབས།
- ༈ དཔེ་དེབ་ཞུ་སྒྲིག་ཚད་ལྡན་ཡོང་ཐབས་དང་གནའ་དེང་དཀར་ཆག་རིག་པའི་སྐོར་གྱི་རྒྱལ་ཡོངས་ཟབ་སྦྱོང་།
- ༈ དཔེ་མཛོད་ལས་བྱེད་རྣམས་ལ་དགའ་ལྡན་བསྟན་བདག་རྣམ་གསུམ་མཇལ་ཁ།
- ༈ དུས་དེབ་ཨེ་ཝཾ་རང་སྒྲ་འདོན་ཐེངས་དང་པོ།
- ༈ ཕྱག་དཔེ་དབུ་འབྱེད།