ཕྱི་ལོ་ ༡༤༡༤ རབ་བྱུང་བཅུ་བདུན་པའི་ཤིང་རྟ་ལོར་ཁམས་གསུམ་འགྲོ་བའི་བླ་མ་ཤར་རྒྱལ་བ་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་ཞེས་སྙན་པའི་དབྱར་རྔ་འཇིག་རྟེན་གྱི་ཁྱོན་ཀུན་ཏུ་ལྡིར་ཞིང་རྡོ་རྗེ་འཛིན་པ་ཀུན་གྱི་གཙུག་གི་རྒྱན་དུ་གྱུར་པ་གང་དེས་ས་གསུམ་གྱི་སྒྲོན་མེ་གཅིག་པུ་རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྒྱུད་འགྲེལ་ཆེན་མོའམ་ཡོངས་སུ་གྲགས་པ་འགྲེལ་པ་བཞི་སྦྲགས་ཞེས་རྨད་དུ་བྱུང་བའི་ལེགས་དེ་ཉིད་མཛད་ནས་མི་ལོ་ཧྲིལ་པོ་དྲུག་བརྒྱ་འཁོར་བའི་དུས་ཆེན་ཁྱད་འཕགས་ཅན་འདི་ལོ་སྲུང་བརྩི་ཞུ་བའི་དུས་སྐབས་དང་བསྟུན། དཔལ་གསང་བ་འདུས་པའི་རྫོགས་རིམ་རིམ་ལྔ་གསལ་སྒྲོན་གྱི་ཕྱག་དེབ་དེང་སྲོང་དང་མཐུན་པའི་ཉམས་ཞིབ་གང་ལེགས་དང་འབྲེལ་བརྟན་བཅོས་འདི་ཉིད་དུ་དྲངས་པའི་བཀའ་བསྟན་གྱི་ལུང་མཆན་དང་། ཡོངས་གྲགས་ཀྱི་དཔར་མ་ཁག་ལྔ་ལ་མཚུངས་བསྡུར་བྱས་པའི་བསྡུར་མཆན་དང་བཅས་དཔར་དུ་བསྐྲུན་ཞུས་པར། དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དུ་ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༢༩ སྟེ་དྲུག་བརྒྱའི་རྒྱུད་འགྲེལ་རྗེས་དྲན་ཆེན་མོའི་དུས་བཟང་ཁྱད་པར་ཅན་གྱི་ཉིན། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་མཆོག་གི་ཞལ་སྔ་ནས་ཀྱིས་བྱིན་འབེབས་རབ་གནས་དབུ་འབྱེད་བཀའ་དྲིན་ཆེ་སྐབས་ཀྱི་སྐུ་པར་མཐོང་གྲོལ་རིན་པོ་ཆེ།