སྔོན་གནས་མཆོག་སེ་ར་ཆོས་སྡིངས་སུ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་རྒྱུད་ཆེན་ཤེས་རབ་སེང་གེ་ལ་གསང་འདུས་རྒྱུད་འགྲེལ་ཆེན་མོ་གནང་ཞིང་གསང་སྔགས་ཀྱི་བསྟན་པའི་བདག་པོར་མངའ་གསོལ་བ་ལྟར། ཕྱི་ལོ་༢༠༡༤ ཕྱི་ཟླ་ ༡༡ ཚེས་ ༢༩ ཉིན་ལྷར་བཅས་སྲིད་ཞིའི་གཙུག་རྒྱན་༸སྤྱི་ནོར་གོང་ས་༸སྐྱབས་མགོན་རྒྱལ་བའི་དབང་པོ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་གི་ཞལ་སྔ་ནས་རྒྱུད་གྲྭ་སྟོོད་སྨད་དང་སྲད་རྒྱུད་གྲྭ་ཚང་བཅས་ཀྱི་མཁན་རིན་པོ་ཆེ་རྣམ་པ་གསུམ་ལ་རྒྱུད་སྟོད་དཔེ་མཛོད་ཁང་ནས་ཞུ་སྒྲིག་བྱས་ཤིང་གྲྭ་ཚང་གིས་དཔར་དུ་བསྐྲུན་པའི་རྒྱུད་འགྲེལ་ཆེན་མོའི་གླེགས་བམ་གྱི་འགྲེལ་དབང་དང་བཅས་རྒྱུད་འཆད་ཉན་གྱི་བསྟན་པའི་བདག་པོར་མངའ་གསོལ་བའི་སྐབས་ཀྱི་སྐུ་པར་མཐོང་གྲོལ་རིན་པོ་ཆེ།