༄༅།། ཕྱི་ལོ་ ༢༠༡༩ ཕྱི་ཟླ་ ༡༡ ཚེས་ ༢ ནས་ཉིན་གསུམ་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་དབུ་བཞུགས་ཐོག་རྗེ་བླ་མ་ཙོང་ཁ་པ་ཆེན་པོའི་ཞལ་སྔ་ནས་བར་དོ་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་པ་དང་། རྗེ་ཙོང་ཁ་པས་རྒྱུད་ཆེན་ཤེས་རབ་སེང་གེར་རྒྱུད་འགྲེལ་ཆེན་མོའི་གླེགས་བམ་གནང་སྟེ་གསང་སྔགས་ཀྱི་བསྟན་པའི་བདག་པོར་མངའ་གསོལ་བ་དང་། རྒྱུད་ཆེན་རྡོ་རྗེ་འཆང་རྗེ་བཙུན་ཀུན་དགའ་དོན་གྲུབ་དཔལ་བཟང་པོ་མཆོག་སྐུའི་མཚན་དཔེ་བཞད་དེ་ལོ་དྲུག་བརྒྱ་འཁོར་བ་བཅས་དུས་ཆེན་སུམ་འཛོམས་ཀྱི་རྒྱུད་ཆེན་རྗེས་དྲན་གྱི་གསང་སྔགས་མཁས་པའི་བགྲོ་གླེང་ཆེན་མོའི་མཛད་སྒོའི་སྐབས་སུ་གྲྭ་ཚང་དང་རྒྱུད་ཟུར་མཐུན་འབྲེལ་ཚོགས་པ་ནས་༸གོང་ས་མཆོག་ལ་གཟེངས་རྟགས་འབུལ་བཞེས་སོགས་ཀྱི་འདྲ་པར།

༸གོང་ས་༸སྐྱབས་མགོན་ཆེན་པོ་དབུ་བཞུགས་ཐོག་རྒྱུད་ཆེན་རྗེས་དྲན་ཆེན་མོའི་གསང་སྔགས་མཁས་པའི་བགྲོ་གླེང་འཚོག་བཞིན་པ་དང་། དགའ་ལྡན་བསྟན་བདག་རྣམ་གསུམ་ལ་བརྟན་བཞུགས་གསོལ་འདེབས་དང་འབྲེལ་རྡོ་རྗེ་འཛིན་པའི་ཆེད་བསྟོད་གཟེངས་རྟགས་འབུལ་བཞིན་པ་སོགས་ཀྱི་འདྲ་པར།