༄༅།། སྤྱིར་རབ་གནས་ཞེས་པ་ནི། བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་དུ་བཞེངས་པའི་སྐུ་བརྙན་དང་། གསུང་རབ། མཆོད་རྟེན་སོགས་དམ་ཚིག་པ་ལ་ཡེ་ཤེས་པ་དགུག་བསྟིམ་གྱིས་བཞུགས་སུ་གསོལ་ནས། ཇི་སྲིད་འབྱུང་བཞིའི་གནོད་པས་མ་ཞིག་གི་བར་དུ་དད་ལྡན་ཚོགས་གསོག་སྒྲིབ་སྦྱོང་གི་ཞིང་དུ་བརྟན་པར་བཞུགས་སུ་གསོལ་བའི་ཐབས་མཆོག་ཏུ་གྱུར་པ་ཞིག་ཡིན། དེས་ན་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གིས་ལོ་ལྟར་ཆོས་འཁོར་དུས་ཆེན་སྐབས་ཡི་དམ་གསང་བདེ་འཇིགས་གསུམ་རེས་མོས་ཀྱིས་རས་བྲིས་དང་འབྲེལ་བ་དང་། ལྷ་བབ་དུས་ཆེན་གྱི་སྐབས་སུ་རྡོ་རྗེ་འཇིགས་བྱེད་ཀྱི་སྒོ་ནས་རྡུལ་ཚོན་དང་འབྲེལ་བའི་རབ་གནས་དགེ་ལེགས་ཆར་འབེབས་འཚོགས་སྲོལ་ཡོད་པ་ལྟར། སྐབས་དེའི་གཟི་བྱིན་ཆགས་པའི་འདྲ་པར་ཁག་གཅིག་དད་ལྡན་དང་བ་འདྲེན་པའི་སྐྱེས་སུ་བཀོད།