༄༅།། ཕྱི་ལོ་ ༢༠༡༧ ཕྱི་ཟླ་ ༡༡ ཚེས་ ༡ སྔ་དྲོ་ཕྱག་ཚོད་ ༠༨ ། ༣༠ ཐོག་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གིས་གོ་སྒྲིག་ཞུས་པའི་དཔེ་དེབ་ཞུ་སྒྲིག་དང་། གནའ་དེང་དཀར་ཆག་རིག་པའི་སྐོར་གྱི་རྒྱལ་ཡོངས་ཟབ་སྦྱོང་གི་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་བདག་ཉིད་ཆེན་པོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ཆེད་ཕེབས་ཀྱིས་རིས་མེད་ཆོས་སྡེ་ཁག་དང་། ཤེས་ཡོན་བསྟི་གནས་ཀྱི་སློབ་གྲྭ། དཔེ་མཛོད་སོགས་ཚོགས་སྡེ་སུམ་ཅུ་ལྷག་ནས་ཕེབས་པའི་ཚོགས་བཅར་བ་བརྒྱ་སྐོར་ལ་བཀའ་སློབ་བཀའ་དྲིན་ཆེ་བ་མ་ཟད།  རྒྱུད་སྟོད་དཔེ་མཛོད་ཀྱིས་དཔར་སྐྲུན་ཞུས་པའི་རྒྱུད་ཊཱིཀ་རིམ་གཉིས་གཏེར་མཛོད་རྩ་འགྲེལ་སྦྱར་མ་དབུ་འབྱེད་གནང་ཞིང་། དགེ་བཤེས་བློ་བཟང་སྨོན་ལམ་ལགས་སུ་གཟེངས་བསྟོད་མཚོན་བྱེད་སྟོན་པའི་ཞལ་ཐང་ཕུལ་བ་དང་འབྲེལ། ཝཱར་ཎ་དབུས་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་སོགས་ནས་ཆེད་དུ་གདན་ཞུས་བྱས་པའི་མཁས་དབང་རྣམ་པས་ཉིན་ལྔའི་རིང་གསུང་བཤད་དང་། ཚོགས་ཞུགས་པ་རྣམས་ཀྱིས་དོགས་འདྲི་ལ་བཀའ་ལན་གནང་བ། མཇུག་སྡོམ་སྐབས་ཚོགས་བཅར་བ་རྣམས་ལ་ཕྱག་འཁྱེར་དང་ལེགས་གསོལ་ཕུལ་བ་སོགས་ཉིན་ལྔའི་ལས་རིམ་དང་འབྲེལ་བའི་འདྲ་པར་ཁག་ཅིག