༄༅།། གསང་བདག་མི་ཡི་རྣམ་རོལ་རྒྱུད་ཆེན་རྡོ་རྗེ་འཆང་༸རྗེ་བཙུན་ཀུན་དགའ་དོན་གྲུབ་དཔལ་བཟང་པོ་མཆོག་གིས་མདོ་སྔགས་ཀྱི་གཞུང་ཆེན་ཁག་ལ་གསན་བཞེས་མཐར་ཕྱིན་ཏེ། དབེན་གནས་སེ་བ་རོང་དང་། དབུས་སྟོད་བྱམས་པ་གླིང་སོགས་སུ་ཐུགས་དམ་ཉམས་བཞེས་ལ་རྩེ་གཅིག་ཏུ་གཞོལ་བས་རྟོགས་པའི་ཀློང་རྡོལ་ཏེ་གྲུབ་པའི་རྟགས་མཚན་མང་དུ་བསྟན་པར་གྲགས་པའི་ངག་རྒྱུན་མཛད་རྣམ་དུ་གསལ་བའི་བཀའ་རྟགས་ཕྱག་རྗེས་དེང་གི་དུས་སུའང་མཇལ་དུ་ཡོད་པའི་འདྲ་བརྙན་བྱིན་ཆགས་ཁག་གཅིག་སྤྱན་ལམ་དུ་བསྟར་བར་བྱ།